Announcements

ཁྱབ་བསྒྲགས།

ཁྱབ་བསྒྲགས།

Dorji Letho (Lecturer) གིས-
Number of replies: 0
ཁྱབ་བསྒྲགས་གལ་ཅན།
སྤྱི་ཚེས་ ༡༧/༠༥/༢༢ ལས་ ༢༡/༠༥/༢༢ ཚུན་བདུན་ཕྲག་གཅིག་གི་རིང་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་  སྲོལ་རྒྱུན་ཤེས་ཡོན་དང་ཁྱད་རིག་གོང་འཕེལ་ལྟེ་བ་དང་ ནང་རིག་ཤེས་ཡོན་དང་ཞིབ་འཇུག་དཔེ་མཛོད་མཉམ་འབྲེལ་དུ་ སློབ་དཔོན་དང་སློབ་ཕྲུག་ཚུ་ལུ་ ཆོས་བཤད་དང་གྲོས་བསྡུར་གྱི་ལས་རིམ་འགོ་འདྲེན་འཐབ་ཨིན་ མཇུག་གི་ཉིནམ་གཉིསཔོ་འདི་ རྒྱལ་ཡོངས་ཀྱི་གྲོས་འཛོམས་འགོ་འདྲེན་འཐབ་ཨིན་ དེ་གི་བརྗོད་དོན་ཡང་ ནང་རིག་སྲོལ་རྒྱུན་དང་དེང་དུས་ཤེས་རིག་གི་འབྲེལ་མཐུན་གྲོས་འཛོམས་ཐེངས་དང་པ (Seminar on the Interface of Inner-Science, Heritage and Contemporary Education) ཟེར་བའི་བརྗོད་དོན་ལུ་དམིགས་གཏད་བསྐྱེད་དེ་འབད་འགོ་འདྲེན་འཐབ་ཨིན། དེ་གི་དོན་ལུ་བདུན་ཕྲག་གཅིག་གི་ཆོས་བཤད་ལས་རིམ། ཉིནམ་གཉིས་ཀྱི་རྒྱལ་སྤྱི་གྲོས་འཛོམས་ལས་རིམ། རྒྱལ་སྤྱིའི་གྲོས་འཛོམས་ཀྱི་གནས་ཤོག་ཚུ་ཟུར་སྦྲགས་འབད་ཕུལ་ཡོད།
  
དྲན་གསོ་ = ལས་རིམ་འདི་ནང་ལུ་གཟིགས་ཞིནམ་ལས་ རང་སོའི་འགན་འཛིན་དང་འཁྲིལ་ཏེ་མཛད་གནང་ནི་དང་   
             ལས་རིམ་དང་འཁྲིལ་ཏེ་བཅའ་མར་གཏོགས་གནང་ཟེར་ཞུ་ནི་ཨིན།