Announcements

ཁྱབ་བསྒྲགས་གལ་ཅན།

ཁྱབ་བསྒྲགས་གལ་ཅན།

by Chimi Rinzin(Assistant Professor) -
Number of replies: 0

                                                                             གལ་ཅན་ཁྱབ་བསྒྲགས།

༉     སློབ་ཕྲུག་ཡོངས་ལུ་ཞུ་དོན།

ད་རེས་ འཛམ་གླིང་ནང་ལུ་ཉེ་འཚུབས་ཆེ་བའི་ནད་ཡམས་ཀྱི་གནས་སྟངས་ལས་བརྟེན་ འབྲུག་རྒྱལ་ཁབ་འདི་ཡང་ ཉིནམ་གཅིག་བ་གཅིག་ ཉེན་ཁག་ཅན་ཅིག་ལུ་འགྱུར་དོ་ཡོདཔ་ཨིནམ་ཀུན་གྱིས་མཁྱེན་ས་ཨིན། ང་བཅས་རའི་འབྲུག་གི་ཡིད་བཞིན་ནོར་བུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ གཞུང་གི་ཧོངས་ལས་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་ ནད་ཡམས་བཀག་ཐབས་ཀྱི་གནས་སྐབས་ སྟོན་གནང་མི་དང་བསྟུན་ཏེ་ མི་སེར་ཚུ་གིས་ཡང་ མཉམ་འབྲེལ་འབད་དགོཔ་འདི་ཁག་ཆེ་ནི་ཨིནམ་ལས་ རང་རང་སོ་སོའི་ཉེན་སྲུང་གི་དོན་ལུ་ དུས་ཨ་རྟག་ར་ ཁ་རས་རྐྱབ་ནི་དང་ ལགཔ་འཁྱུ་ནི་ དོན་མེད་སྤུངས་འཛོམས་འབད་ནི་ཚུ་ལས་ ག་དེ་དྲག་དྲག་ འཛེམ་གནང་ཟེར་བའི་དྲན་གསོ་ཕུལཝ་ཨིན།

སྤ་རོ་རྫོང་ཁག་ལས་གནང་བའི་ཡིག་ཚང་བཀའ་རྒྱ་དང་  མི་རྗེ་བློན་ཆེན་གྱི་ཡིག་ཚང་ལས་གནང་བའི་བཀའ་རྒྱ་ཚུ་ཡང་ ནཱ་བུ་གི་དོན་ལས་ ཟུར་སྦྲགས་འབད་ཕུལ་ཏེ་ཡོདཔ་ལས་ ག་ར་གིས་དེ་དང་འཁྲིལ་ཏེ་ འཐུས་ཤོར་མེདཔ་ཅིག་མཛད་གནང་འོང་མནོ་བའི་རེ་བ་དང་བཅས་ ང་རའི་ཧོངས་ལས་ཡང་ དུས་དང་དུས་སུ་དྲན་གསོ་ཕུལ་ཏེ་ཡོད་མི་འདི་ སེམས་ཁར་བཞག་སྟེ་ བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནི་ཨིན།

འཆི་མེད་རིག་འཛིན།  

སློབ་ཕྲུག་སྒྲིག་འཛིན།