Announcements

གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ།

གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ།

by Chimi Rinzin(Assistant Professor) -
Number of replies: 0

༉   དུས་ཅི་ སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༦ པ་ལས་ སློབ་སྦྱོང་མཇུག་བསྡུ་ནི་ཨིན་མི་ སློབ་ཕྲུག་ཚུ་གིས་ཞལ་འདེབས་ཕུལ་ཏེ་ གུ་རུ་སྣང་ས་ཟིལ་གནོན་གྱི་སྐུ་འདྲ་ཅིག་ གསར་བསྒྲུབ་འབད་དེ་ཡོད་མི་འདི་ ད་རེས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་དཔེ་མཛོད་ ནང་རིག་ཤེས་ཡོན་དང་ཞིབ་འཇུག་དཔེ་མཛོད་ (Inner Science Education and Research Library) ནང་ལུ་ བཞུགས་སུ་གསོལ་ཏེ་ཡོདཔ་ལས་ ཁྱོད་དད་མོས་ཅན་གྱི་སློབ་སྦྱོང་པ་ཚུ་ ཕྱག་དང་སྙན་དར་ཕུལ་ནིའི་ཐུགས་འདོད་རེ་ཡོད་པ་ཅིན་ གོང་ལུ་བཀོད་དེ་ཡོད་པའི་དཔེ་མཛོད་ནང་ལུ་ སྤྱི་ཟླ་འདི་གི་སྤྱི་ཚེས་ ༠༧/༠༦/༢༡ ལས་ ༡༠/༠༦/༢༡ ཚུན་གྱི་ནང་འཁོད་ མཇལ་ཁ་ཞུ་བ་འབྱོན་གནང་ཟེར་ཞུ་ནི་ཨིན།