Announcements

ཞབས་དྲུང་སྐུ་མཆོད།

ཞབས་དྲུང་སྐུ་མཆོད།

Chimi Rinzin(Assistant Professor) གིས-
Number of replies: 0

   རང་ལུགས་གནམ་ལོ་ ལྕགས་མོ་གླང་ལོ་ རང་ཟླ་ ༣ པའི་ཚེས་ ༡༠ ། སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༤ པའི་ཚེས་ ༢༢ ། རེས་གཟའ་པ་སངས་ལུ་ ང་བཅས་རའི་བཀའ་དྲིན་ཅན་གྱི་བདག་ཉིད་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་ སྐུ་མཆོད་ཀྱི་ཉིནམ་ཨིནམ་ག་ར་གིས་མཁྱེན་ས་ཨིན།

ཉིནམ་འདི་ཁར་ སྤ་རོ་གསང་སྔགས་ཆོས་འཁོར་གྱི་བླམ་དང་ དགེ་སློང་ཚུ་གདན་འདྲེན་ཞུ་སྟེ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭའི་ཐུན་ཁང་ནང་ ཞབས་དྲུང་དག་སྣང་མའི་ཚོགས་འཁོར་བསྐོར་གནང་ནི་ཨིནམ་ལས་ དད་མོས་ཅན་གྱི་སློབ་དཔོན་དང་སློབ་ཕྲུག་ཚུ་ ཕྱག་དང་མཆོད་པ་ཕུལ་བར་འབྱོན་གནང་ཟེར་ཞུ་ནི་ཨིན།

ལས་རིམ་གྱི་རེའུ་མིག་འདི་ འོག་ལུ་བསྐྱལ་ཏེ་ཡོདཔ་ལས་ ག་ར་གིས་གཟིགས་གནང་ཟེར་ཞུ་ནི།