Announcements

ལམ་སྲོལ་དང་འབྲེལ་བའི་ཞིབ་འཚོལ།

ལམ་སྲོལ་དང་འབྲེལ་བའི་ཞིབ་འཚོལ།

by Chimi Rinzin(Assistant Professor) -
Number of replies: 0

༉  ནང་སྲིད་ལྷན་ཁག་གི་མ་དངུལ་རྒྱབ་སྐྱོར་ཐོག་ལས་ རང་ལུགས་ལམ་སྲོལ་དང་འབྲེལ་བའི་ཞིབ་འཚོལ་ཅིག་ འགོ་འདྲེན་འཐབ་ནི་ཨིནམ་ལས་ བློ་འདོད་ཡོད་མི་སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་གནང་ཟེར་ཞུ་ནི་དང་། ཁ་གསལ་སྦེ་ཤེས་ནིའི་དོན་ལུ་ ཟུར་སྦྲགས་ལུ་བཀོད་དེ་ཡོད་པའི་ལྷག་ཤོག་འདི་ ལྷག་སྟེ་གོ་བ་ལེན་གནང་།

མ་གཞི་ ལས་རིམ་འདི་ འགོ་འདྲེན་འཐབ་ནིའི་དོན་ལུ་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ བཅའ་སྒྲིག་དང་ གྲོས་བསྡུར་ཚུ་སྐོར་ཐེངས་ ༣ དེ་ཅིག་འབད་དེ་ཡོད་རུང་ ནད་ཡམས་འདི་གི་གནས་སྟངས་ལས་བརྟེན་ གྲུབ་འབྲས་ལེགས་ཤོམ་ཅིག་ རྩ་དང་སྤུ་ལས་ར་བཏོན་མ་ཚུགས་པར་ལུས་ཏེ་ཡོད། ཨིན་རུང་ ད་རེས་ ཁྱོད་ན་གཞོན་ཚུ་གིས་  བཅའ་མར་གཏོགས་འོང་མནོ་བའི་རེ་བ་ཡོད་ཟེར་ཞུ་ནི་དང་།

ཁྱོད་ཀྱིས་ཞིབ་འཚོལ་གྱི་ཐོག་ལས་ བསྡུ་སྒྲིག་འབད་དེ་ཡོད་མི་འདི་  སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༡ པའི་སྤྱི་ཚེས་ ༨ ཀྱི་ནང་འཁོད་ འགོ་འདྲེན་པ་ འཆི་མེད་རིག་འཛིན་ལུ་ ལྷོདཔ་འབད་བསྐྱལ་གནང་ཟེར་ཞུ་ནི་ཨིན།