ཁྱབ་བསྒྲགས།
༉ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ཧོངས་ལས་ སྤྱི་ཟླ་ ༦ པའི་སྤྱི་ཚེས་ ༡༧ ལས་ ༢༠ ཚུན་ ཉིན་གྲངས་བཞི་གི་རིང་ལུ་ སྒྲིག་ལམ་རྣམ་གཞག་གི་སློབ་སྦྱོང་ཅིག་འགོ་འདྲེན་འཐབ་ནི་ཨིནམ་ལས་ འོག་ལུ་བཀོད་དེ་ཡོད་མི་སློབ་སྦྱོང་པ་ཚུ་གིས་ བཅའ་མར་གཏོགས་དགོཔ་འབད་ བཀའ་རྒྱ་གནང་སྟེ་ཡོདཔ་ལས་ ག་ར་གིས་ ཆད་ལུས་མེད་པར་བཅའ་མར་གཏོགས་གནང་ཟེར་ཞུཝ་ཨིན།
༡/ གཙུག་ལག་གཞི་རིམ་གོང་མ་ (PgDE)
༢/ གཙུག་ལག་གཞི་རིམ་ཆུང་བ། (B.Ed Primary. B.Ed Secondary and B.Ed Dzongkha, final years)
༣/ ལུས་རྩལ་ཤེས་ཡོན་སློབ་སྦྱོང་པ། (DPESC, final years)
དྲན་གསོ། ཉིནམ་རེ་ལུ་ དངུལ་ཀྲམ་ ༡༥༠/- རེ་དང་ ཉིན་མའི་གསོལཝ་ཚུ་ ལྷན་ཁག་གི་ཁ་ཐུག་ལས་གནང་ནི་ཨིན་པས་ཟེར་ཞུ་ནི།